forked from MonlamAI/STT001
Notifications
You must be signed in to change notification settings - Fork 0
Copy pathstt001-12.otr
1 lines (1 loc) · 13.6 KB
stt001-12.otr
1
{"text":" 
<span class=\"timestamp\" data-timestamp=\"8.880729\">00:08 ད། ཚན་རིག་པ་དང་འབྲེལ་བ་བྱས་ནས། ད་ག་རེ་ཟེར་དགོས་རེད། ད། རིམ་པ་གང་འདྲ་བྱས་ནས་སླེབས་ཡོད་རེད་ཟེར་ལབ་པ་ཡིན་ན།
<span class=\"timestamp\" data-timestamp=\"14.181186\">00:14 སངས་རྒྱས་པའི་ཆོས་པ་ཞིག་གིས་
<span class=\"timestamp\" data-timestamp=\"21.170306\">00:21 ད་བྱེད་པའི་རྒྱུ་མཚན་གང་ཞེ་ན། ངས་ཚན་རིག་པ་དང་འབྲེལ་བ་བྱས་ཏེ་ལོ་ཉི་ཤུ་ཙམ་ཕྱིན་པ་རེད། 
<span class=\"timestamp\" data-timestamp=\"21.170306\">00:21 ཐོག་མར་ངས་ཚན་རིག་པ་དང་འབྲེལ་བ་བྱ་རྒྱུའི་བསམ་བློ་འཁོར་སྐབས། ངའི་ངོ་ཤེས་ཨ་རིའི་མི་ཞིག་ཡོད་པ་ཁོང་རང་ནང་པ་རེད། ཁོང་གིས་ཚན་རིག་པ་དང་འབྲེལ་བྱེད་རྒྱུ་དེ་ཉེན་ཁ་ཆེན་པོ་རེད། ཚན་རིག་ཅེས་པ་དེ་དབྱིན་ཇིའི་སྐད་ཀྱི་ཐོག་ནས་ ༼ྒདྲརྡརྡྟཔྱ ྣཐ ངྟརྡདྲཐྲདྲྣརྣ༽ ཆོས་གསོད་མཁན་དེ་རེད། དེས་ན་ཚན་རིག་པ་དང་འབྲེལ་བ་བྱ་རྒྱུ་དེ་ཉེན་ཁ་རེད་ཅེས་རྗོད་ཀྱི་འདུག ངས་བསམ་བློ་ཞིག་བཏང་བས་ན། ཚན་རིག་གིས་གང་ཞིག་བྱེད་ཀྱི་ཡོད་ཅེ་ན། བདེན་པ་བཙལ་གྱི་ཡོད་ཅིང༌། འཚོལ་སའི་ཡུལ་ཚད་ཅན་ཞིག་ཡིན། དེ་ཡང་གཙོ་བོ་གཟུགས་ཅན་དང༌། དེའི་ནང་ནས་མཐོང་བ་མངོན་གྱུར་བ། དེའི་ནང་ནས་ཀྱང་གཙོ་བོ་གཟུགས་ཅན་གྱི་ཆོས་ཚད་གཞལ་རྒྱུ་དང༌། རྩིས་རྒྱབ་རྒྱུ་ཡོད་པའི་ཚད་ཅན་གྱི་ལམ་བུའི་ནང་དུ་ཚན་རིག་འགྲོ་ཡི་ཡོད། ༼ཁྲྟདྲརྡརྟ རྡདྲནདྲྤྟརྟ ༽ འོན་ཀྱང་བཙལ་བྱའི་གཞི་དེ་ཚད་ངེས་ཅན་ཞིག་ཡིན་ནའང༌། གཞི་དེའི་ནང་ནས་བདེན་པ་འཚོལ་གྱི་ཡོད།
དེས་ན་སངས་རྒྱས་པའི་ཆོས་ཀྱིས་ཀྱང༌། བདེན་པ་འཚོལ་བ་ཞིག་ཤོད་ཀྱི་ཡོད། དེར་བརྟེན་བདེན་པ་འཚོལ་སྟངས་དེར་རིགས་པའི་སྒོ་བཞི་གསུང་གི་ཡོད། དེ་ཡང་ཆོས་ཉིད་ཀྱི་རིགས་པ་དང༌། བྱ་བ་བྱས་པའི་རིགས་པ༑ ལྟོས་པའི་རིགས་པ། འཐད་པས་སྒྲུབ་པའི་རིགས་པ་བཅས་འདི་དག་ནི༑ དཔེར་ན། གཞིའི་རང་བཞིན་ལྷན་སྐྱེས་ཀྱིས་ང་ཞེས་པ་ཞིག་ཡོད་ལ། དེ་ངའོ་སྙམ་པའི་བློ་ཞིག་ཡོད། དེ་དང་འབྲེལ་ནས་བདེ་སྡུག་གི་ཚོར་བ་ཞིག་ཀྱང་ཡོད་པ་དེ་དག་ལས་ཀྱིས་བྱུང་བ་ལྟ་བུ་གང་ཡང་མིན་པར་ཆོས་ཉིད་ཡིན། དེ་བཞིན་ཕྱི་དང་ནང་གི་ཆོས་གང་ཞིག་ཡིན་ཡང༌། འབྲས་བུ་རྒྱུ་ལ་རག་ལས་པ་ཆོས་ཉིད་རེད། དེ་བཞིན་ཆོས་རང་རང་གི་བྱེད་ལས་མེ་ཚ་བ་དང༌། ཆུ་བརླན་པ་དེ་དག་ཆོས་ཉིད་ལ་བརྩི་ཡི་ཡོད། ཆོས་ཉིད་ཀྱི་རིགས་པ་ཞེས་པ་དེ་དག་ནི་རང་བཞིན་ལྷན་སྐྱེས་ལ་དངོས་པོ་སོ་སོའི་གནས་སྟངས་གང་ཞིག་ཡིན་པ་དེ་གཅིག་ཤེས་དགོས་པ་ཡིན།
བྱ་བ་བྱས་པའི་རིགས་པ་ཞེས་པ་ནི། དངོས་པོ་སོ་སོའི་བྱེད་ལས་གང་དང་གང་ཞིག་ཡོད་མེད། དཔེར་ན། རྫས་སྦྱོར་རིག་པ་ ༼སྐྲདྟནདྲཔྲྤཔྱཕྲ༽ ཞེས་པ་དེ་རྣམས་འདིའི་ནང་སླེབས་ཀྱི་མེད་དམ་བསམ་གྱི་འདུག རྫས་སོ་སོའི་ནུས་པ་གང་ཞིག་ཡོད་པ་དང༌། རྫས་ཕན་ཚུན་བསྡེབས་སྐབས་ནུས་པའི་ངོ་བོ་ཇི་ལྟར་འགྱུར་གྱི་ཡོད་པ། རྫས་ཕན་ཚུལ་བསྡེབས་སྐབས་ཡང་རྫས་གསར་པ་ཞིག་ཐོན་ཡོང་གི་ཡོད། དེ་ལྟའི་དངོས་པོའི་རང་བཞིན་ལ་ཕན་ཚུན་ལྟོས་ཤིང་འབྲེལ་ནས་ཡོད་པ་ཞིག་ཡིན་སྟབས། ཕན་ཚུན་ལྟོས་པའི་སྒོ་ནས་ངོ་བོར་འགྱུར་བ་འགྲོ་བ་ཞིག་ཡོང་གི་ཡོད།
དཔེར་ན། མེ་དང་ཆུ་འཐབ་ནས་ཡང་རྣམ་པ་གསར་པ་ཞིག་ཡོང་བ་དང༌། རྫས་མི་འདྲ་བ་གཉིས་བསྡུས་ནས་རྣམ་པ་མི་འདྲ་གསར་པ་ཞིག་ཡོང་གི་རེད། དེ་ལྟར་ཕན་ཚུན་དང་ཁེར་རྐྱང་གང་ཞིག་ཡིན་ཡང་དངོས་པོ་གཅིག་གིས་རང་རང་གིས་འབྲས་བུ་གསར་པ་སྐྱེས་པ་ཞིག་ཡོང་གི་ཡོད་ལ། དེ་ལ་ལྟོས་པའི་རིགས་པ་ཞེས་རྗོད་ཀྱི་ཡོད། འབྲས་བུ་དེ་རྒྱུ་ལ་ལྟོས་པ་རེད་ཅེས་རྒྱུ་ལས་འབྲས་བུ་སྐྱེས་ཤིང༌། འབྲས་བུ་རྒྱུ་ལ་ལྟོས་པས་ན་ལྟོས་པའི་རིགས་པ་ཡིན།
དེ་དག་ནི་ ༼སྒྱཎྤསྤྱཔྱྟ རྒཎཕ༽ རང་བཞིན་ལྷན་སྐྱེས་ཀྱི་ཁྲིམས་ལྟ་བུ་ཞིག་འདུག ༼སྒྱཎྤསྤྱཔྱྟ རྒཎཕ༽ དེ་ཁས་བླངས་ཏེ། ༼སྒྱཎྤསྤྱཔྱྟ རྒཎཕ༽ དེའི་ཐོག་ནས་རང་བཞིན་ལྷན་སྐྱེས་ཀྱི་ཁྲིམས་ཀྱི་འགྲོ་སྟངས་ལྟ་བུ་དེ་གཞི་ལ་བཞག་པའི་ཐོག་ནས་འཐད་སྒྲུབ་ཅེས་པ་དེ་ཡིན། དེ་ཡིན་སྟབས་འདི་ཡིན་དགོས་པ་དང༌། འདི་ཡིན་པས་ན་འདི་ཡིན་དགོས་སོ་ཞེས་པ་ལྟ་བུ་སྟེ། ང་ཚོ་སྡུག་བསྔལ་མི་འདོད་པ་དང༌། བདེ་བ་འདོད་པ་རང་བཞིན་ལྷན་སྐྱེས་ཡིན་ཞིང༌། དེར་བརྟེན་ང་ཚོ་བདེ་བ་ཡོང་བའི་རྒྱུ་རྐྱེན་འདི་འདྲ་ཞིག་དགོས་ཤིང༌། དེ་རྐྱེན་དེ་ལ་རག་ལུས་ཀྱི་ཡོད། དེ་རྐྱེན་དེའི་དབང་གིས་ཡོང་གི་འདུག དེས་ན་ང་ཚོས་རྒྱུ་རྐྱེན་འདི་སྒྲུབ་དགོས་ཞེས་སླེབས་ཀྱི་ཡོད།
འཐད་པས་སྒྲུབ་པའི་རིགས་པ་ནི། དེ་ཡིན་སྟབས་དེ་ཡིན་དགོས་ལ༑ དེ་ཡིན་པས་ན་དེ་ཡིན་དགོས། འདི་ང་ཚོར་དགོས་ཀྱི་འདུག འདི་ང་ཚོར་དགོས་ཀྱི་མི་འདུག དེར་བརྟེན་མི་དགོས་པ་དེ་མི་ཡོང་བའི་དོན་དུ་ཕན་ཚུན་ལྟོས་པའི་ཕྱོགས་དེ་དག་ལ་བསམ་བློ་གཏོང་རྒྱུ་ཞིག་དང༌། དེ་བཞིན་བྱ་བ་བྱེད་པ་ཅེས་སོ་སོར་ནུས་པ་མི་འདྲ་བ་ཡོད་པ་དེ་དག་ཤེས་པ་ཞིག་དང༌། དེའི་རྒྱུ་འབྲས་ཀྱི་འགྲོ་སྟངས་ཤེས་པའི་ཐོག་ནས། ང་ཚོར་ཕན་པའི་དངོས་པོ་དེ་དང་དུ་བླངས། མི་འདོད་པའི་དངོས་པོ་དེ་འཕྲི་སྟེ་ཉུང་དུ་བཏང་བ་ཡོང་གི་ཡོད། སངས་རྒྱས་པའི་ཆོས་འདི་ཡིན་ལ། སངས་རྒྱས་པའི་ཆོས་འདིའི་སྟེང་ནས་ཤོད་ཀྱི་ཡོད།
བཅོམ་ལྡན་འདས་རང་ཉིད་ཀྱང་རིགས་པ་བཞིའི་འགྲོ་སྟངས་ཀྱི་ཐོག་ནས། བཅོམ་ལྡན་རང་ཉིད་ཀྱིས་རང་ཉིད་ཀྱི་བསམ་བློར་འགྱུར་བ་གཏོང་རྒྱུ་ཞིག་དང༌། གསལ་རིག་གི་ཤེས་པ་ཞིག་ཡོད་པ་དང༌། དེ་ལ་མི་མཐུན་པ་མང་པོ་དང༌། མི་མཐུན་པ་དེའི་ནང་དུ་འགལ་ཟླ་ཡང་མང་པོ་ཞིག་ཡོད། ཕྱི་དངོས་པོར་འགལ་ཟླ་མང་པོ་ཡོད་པས་ན་འགྱུར་བ་འགྲོ་ཡི་ཡོད། འགལ་ཟླ་མེད་ན་འགྱུར་བ་འགྲོ་ཐབས་མེད། དེ་བཞིན་ནང་ཤེས་པར་ཆ་བཞག་ཀྱང༌། འགལ་ཟླ་ཡོད་པས་ཤེས་པ་ལ་འགྱུར་བ་ཕྱིན་པ་ལས། འགལ་ཟླ་མེད་པར་ཤེས་པར་འགྱུར་བ་འགྲོ་རྒྱུ་མེད། འགལ་ཟླ་གང་འདྲ་ཞིག་རེད་དམ་ཞེ་ན། ཕྱི་གཟུགས་ཅན་ཆོས་ཀྱི་འགལ་ཟླ་དེ་ནུས་པ་མང་པོ་ཞིག་གི་ཐོག་ནས་ཡོང་བ་བཤད་ཐུབ་པ་ཡིན། དཔེར་ན། ཚ་གྲང་གཉིས་འགལ་ཟླ་ཡིན་ལ། དེ་གཉིས་ནི་རྒྱུན་གཅིག་ཏུ་གནས་མི་ཐུབ་པའི་འགལ་བ་རེད། སྣང་བ་དང་མུན་པ་གཉིས་ཀྱང་འགལ་བ་རེད། དེ་གཉིས་ཀྱང་དུས་གཅིག་ཏུ་གནས་མི་ཐུབ་པའི་འགལ་བ་སླེབས་ཡོང་གི་ཡོད། ནང་གི་ཤེས་པར་གཟུགས་ཅན་གྱི་ཆོས་ལྟར་འགལ་བ་བརྩི་ས་མེད་ཀྱང༌། འཛིན་སྟངས་འགལ་བ་ཆགས་ཀྱི་ཡོད། གཅིག་གིས་ཡག་པོ་རེད་ཅེས་འཛིན་པའི་བློ་དེ་དང༌། དེ་སྡུག་པོ་རེད་ཅེས་འཛིན་པའི་བློ་གཉིས་འཛིན་སྟངས་འགལ་བ་ཡིན་ཞིང༌། དམིགས་པ་ཡུལ་གཅིག་ལ་དམིགས་ནས་དུས་གཅིག་ལ་འདི་ཡག་པོ་རེད། འདི་སྡུག་ཅག་རེད་ཅེས་འཛིན་པ་གཉིས་པོ་འགལ་བ་རེད།
","media":"stt001-12.mp3","media-time":21.170306}