Notifications
You must be signed in to change notification settings - Fork 29
Copy pathSTT001-11.otr
1 lines (1 loc) · 53.4 KB
STT001-11.otr
1
{"text":" 
 <span class=\"timestamp\" data-timestamp=\"0.7192072326669887\">00:00 ད་ཁ་རྩང་ཨང་ལྟ་ད་ཨེ་ཆད་པར་སྨྲ་བ་ཨེ་ནས་རྒྱང་འཕེན་པའི་ཨེ་སྔར་གྱི རྒྱང་འཕེན་པའི
<span class=\"timestamp\" data-timestamp=\"9.639169168667257\">00:09 ཨིའི་དོད་ཚུལ་གཅིག ཨེ་ནས་སྐྱེ་བ་སྔ་མ་ཡོད་པའི་ད་སྒྲུབ་བྱེད་རྩ་བ་འདྲ་བོ་དེ་ད།
<span class=\"timestamp\" data-timestamp=\"17.09534595266705\">00:17 ཤེས་པའི་རྒྱུན་གི་སྒང་ནས་བསམ་མནོ་གཏང་གིན་ཡོད་རེད། སེ་ད་ཤེས་པ་དེ་ལུས་ལ་བརྟེན་ནས་བྱུང་པ་རེད་ཟེར་དུས་ཙ་ནས།
<span class=\"timestamp\" data-timestamp=\"25.021673785666874\">00:25 ཨེ་ནས་ལུས་དེ་འགག་པ་དང་ཤེས་པ་དེ་འགག་འགྲོ་ཡ་གཅིག།སྔར་གྱི་ད་ལོ་སྟོང་ཕྲག་གོང་གི་རྒྱང་འཕེན་པས་རྒྱ་གར་ལ་དེ་བཤད་ཀིན་ཡོད་རེད།
<span class=\"timestamp\" data-timestamp=\"32.65560461266604\">00:32 ཨེ་ད་རིང་ཁ་སང་ད་འཛམ་བུ་གླིང་འདིའི་སྒང་ལས་ད་ཨེ། ད་ཤུགས་ཀྱིས་ད་ཤེས་པ་ཟེར་ཡ་དེ།
<span class=\"timestamp\" data-timestamp=\"41.02821310500044\">00:41 ཨིའི་ཀླད་པ་ཁོ་ན་ལས་སྐྱེས་པ་ཡིན་ན། ཨེ་ནས་ཀླད་པ། ཀླད་པ་ཀླད་པའི་བྱ་བ་འགག་འགྲོ་དུས། ཀླད་པ་འགག་དུས་ཀླད་པའི་བྱ་བ་འགག་འགྲོ་གི་རེད།
<span class=\"timestamp\" data-timestamp=\"48.240906250000506\">00:48ཨ་དེ་འདྲས་གཅིག་རེད་བ་ད། ཨ་དེ་བཤད་བསྡད་ཀིན་ཡོད་རེད། ཨ་ཁ་སང་ལབ་པ་ན་བཞིན་རེད། ཨེ་ཚན་རིག་པ་དེ་ཨེ་ཁོང་ཚོ་བློའི་རྣམ་དཔྱོད་དང༌། 
<span class=\"timestamp\" data-timestamp=\"58.550744535333756\">00:58 གཅིག་བློའི་གནས་སྟངས་འདྲ་བོ་དེ་བློ་དངོས་གནས་དྲང་གནས་གཟུ་བོར་གནས་པ་ཞེ་དྲག་རེད་བཞག།ཡང་ཚན་རིག་པ་འགའ་ཤས། ད་མ་གཞི་ཞོར་འཕྲོས་འདྲ་བོ་གཅིག་རེད།
<span class=\"timestamp\" data-timestamp=\"67.01344221366692\">01:07 ཨེའི་
་<span class=\"timestamp\" data-timestamp=\"68.6142349010007\">01:08 ལོ་གཅིག་ཕལ་ཆར་ཕྱི་ལོ་ ༡༩༧༣ ལོ་ལ་ཡིན་པ་ཡོད། ༡༩༧༩ལ་ཡིན་པ་ཡོད།
<span class=\"timestamp\" data-timestamp=\"74.41266046833351\">01:14 ཨིའི་ ཨུ་རུ་སུ་ལ་ཡ་ཕ་གིའི་སླེབས་དུས། ངས་ཚན་རིག་པ་ཁ་ཤས་གཅིག་ཐུག་པ་རེད། ཚན་རིག་པ་དེ་འདྲའི་མཉམ་གོ་བསྡུར་བྱེད་ཡག་འདྲ་བོ་གཅིག བྱས་ཨེ་ནས་ཤེས་པའི་སྐོར་ལ་སྐད་ཆ་བྱུང་བ་རེད།
<span class=\"timestamp\" data-timestamp=\"84.19010424600039\">01:24 ཨེ་ནས་སྒོ་ལྔའི་ཤེས་པ་དང༌། དེ་ནས་ངས་ཡིད་བློ། ཡིད་ཀྱི་བློ། ཡིད་བློ་ཟེར་འདུག་སེ་ལབ་པ་ད་ག་ཨེ་ནས་ཚན་རིག་པ་དེ་ཡིས།
<span class=\"timestamp\" data-timestamp=\"93.76739513033367\">01:33 ཡིད་བློ་ཟེར་དུས་སོ་ལོ་ཟེར་ཡག་་གོ་བ་འདྲ་བསྡད་འདུག་བ། དབྱིན་ཇིའི་སྐད་ནང་ལ་ད་ཡེ་ཤུའི་ཆོས་པས་སོ་ལོ་ཟེར་ཡག་ཅིག་ཟེར་གིན་ཡོད་རེད་བ།
<span class=\"timestamp\" data-timestamp=\"103.23532357733383\">01:43 དེ་གོ་བ་འདྲ་འདུག་བ། ཡིད་བློ་ཟེར་ལབ་པ་ད་ག་རང་། ཨེ་དེ་ཆོས་པའི་སྐད་ཆ་རེད་ཟེར། ཆོས་པའི་སྐད་ཆ་རེད་ཟེར། བྱས་ཙང་ད་དེ།
<span class=\"timestamp\" data-timestamp=\"110.64399992866593\">01:50 ཨེ་་་ད་ཚན་རིག་པ་དེ་ཚོའི་བཟོ་འདྲ་བོའི་གྲས་དེ་ཡང་གནས་ཚུལ་ཁ་ཁ་རེད། དང་པོ་ནས་ཨེ་ཆོས་ཡོད་མ་རེད་ཟེར་ཡག་གཅིག ད་ག་ནང་བཞིན་རྒྱ་མིའི་ཚན་རིག་པ་རིགས་གཅིག་དེས།
<span class=\"timestamp\" data-timestamp=\"120.56843873800031\">02:00 ཆོས་ཡོད་མ་རེད་ཟེར་ནས་སྔོན་ལ་ཐག་བཅད། གུང་ཁྲན་རིང་ལུགས་ཡང་དག་པ་རེད་ཟེར་ནས་སྔོན་ལ་ཐག་བཅད། ཨེ་ནས་གཞི་ནས་ཚན་རིག་ནས་རྒྱབ་བསྐྱོར་བཙལ་བསྡད་ཡག་དེ་བློ་གཟུ་བོར་གནས་པ་ཆགས་ཀི་ཡོད་མ་རེད།
<span class=\"timestamp\" data-timestamp=\"129.90847662266708\">02:09་་་་
<span class=\"timestamp\" data-timestamp=\"130.70904935733316\">02:10 དེ་བཞིན་དུ་ང་རང་ཚོ་ནང་པ་གཅིག་གིས། ཨེ་ནས་ད་ཨེ་ཡང་དག་པ་དང་ཡང་མ་དག་པ་ཟེར་ནང་པའི་གཞུང་ནས་བཤད་པ་དེ།
<span class=\"timestamp\" data-timestamp=\"139.85027683666667\">02:19 སྔོན་ལ་ཕ་གིའི་འབེན་འདྲ་བོ་དེ་བཙུགས་བྱས། དེ་བཙུགས་ཚར་བའི་རྗེས་ལ་ཨེ་ནས་རིགས་པ་བཀོད་ནས་དེ་ཡང་དག་ཡིན་པར་བསྒྲུབས་ན་བློ་ཕྱོགས་སུ་ལྷུང་བ་ཆགས་ཚར་བ་རེད།
<span class=\"timestamp\" data-timestamp=\"149.19072445833353\">02:29་་་་་་
<span class=\"timestamp\" data-timestamp=\"150.53645187333274\">02:30 སེ་དེ་འདྲས་ཡིན་དུས། གཟུར་གནས་བློ་ལྡན་དོན་གཉེར་བ།ཟེར་བྱས་ནས་བཤད་བསྡད་བ་དེ།
<span class=\"timestamp\" data-timestamp=\"156.30585967533358\">02:36 ཨིའི་རྒྱ་ཆ་བརྒྱ་ཐམ་པ་བློ་གཟུ་བོར་གནས་པ་གཅིག་དགོས་ཀི་ཡོད་རེད། འདི་བླང་བྱ་རེད། འདི་དོར་བྱ་རེད། འདི་ཡང་དག་པ་རེད། འདི་ཡང་མ་དག་པ་རེད་ཟེར་བྱས་ནས་་སྔོན་ལ་ཐག་བཅད།
<span class=\"timestamp\" data-timestamp=\"165.52595297700006\">02:45དེ་ནས་སྒྲུབ་བྱེད་བཀོད་ན་བློ་ཕྱོགས་སུ་ལྷུང་བ་ཆགས་སོང་བ། ཁོ་དང་པོ་ནས་དམིགས་ཡུལ་གཅིག་གཏན་འཁེལ་ཚར་བ་རེད། དེ་འདྲའི་གཅིག་བསྒྲུབ་ཀི་ཡིན།
<span class=\"timestamp\" data-timestamp=\"173.5942530513332\">02:53 དེ་འདྲའི་གཅིག་དགོས་ཀིན་ཡོད་ཟེར་ལབ་ནས་ཨེ་ནས་དེ་བསྒྲུབ་ཡག་གི་སྒྲུབ་བྱེད་ཨེ་ནས་རྒྱུ་མཚན་གྱི་སྒང་ལ་བཙལ་ཁ་ཕྱིན་པ་ཡིན་པ་ན། དེ་ཕལ་ཆེར་མ་འགྲིག་པ་རེད། སེ་དེ་འདྲས་ཡིན་དུས།
<span class=\"timestamp\" data-timestamp=\"182.29706448466618\">03:02བློ་གཟུ་བོར་གནས་པ་བྱེད་ཀྱིས་གང་ཡང་ཡིན་ཆོག་གི་རེད་ཟེར་བྱས་ནས། ད་ག་རང་སྒང་ལ་བཞག་ཨེ་ནས་དེ་ནས་བཙལ།
<span class=\"timestamp\" data-timestamp=\"189.51915256933316\">03:09ཨིའི་དེ་ནས་ཁོ་ག་རེ་ཟེར་བ་རེད། བདེན་དོན་དེ་གཅིག་ཤེས་སོང་ན། དངོས་ཡོད་གནས་ཚུལ་དེ་ཤེས་སོང་ན། ད་དངོས་ཡོད་གནས་ཚུལ། ད་དངོས་ཡོད་གནས་ཚུལ་དེ། ཨེ་ནས།
<span class=\"timestamp\" data-timestamp=\"198.59557091733376\">03:18ཕན་དང་གནོད་པ་ག་རེ་ཆགས་འདུག་བ། དེ་ཡང་བློ་གཞན་ཞིག་བལྟ་རྒྱུ་མ་གཏོགས། ཕ་གིའི་བདེན་དོན་ག་རེ་ཡིན་པ་མཚོན་མཁན་བློ་དེ་གས།
<span class=\"timestamp\" data-timestamp=\"207.4575379890004\">03:27ཨིའི་འགོ་བཙུགས་པའི་ཁ་ཐུག་དུས་ནས། ཨེ་ཡིན་དང་མིན། ལེགས་དང་ཉེས་ཀྱི་ཐིག་ཕལ་ཆེར་རྒྱག་ཡག་ཡོད་ས་མ་རེད། དེ་བརྒྱབས་ན་བློ་གཟུ་བོར་གནས་པ་གཅིག
<span class=\"timestamp\" data-timestamp=\"217.10582990166745\">03:37 བློ་གཟུ་བོར་གནས་པ་ཆགས་ཀི་ཡོད་མ་རེད། གཟུར་གནས་ཟེར་ཡ་དེ་ཆགས་ཀི་ཡོད་མ་རེད། གཟུར་གནས། ད་དེ་འདྲས་ཡིན་དུས། ང་རང་ཚོ་དཔེ་ཆའི་ནང་ལ་ཡིན་ནས།
<span class=\"timestamp\" data-timestamp=\"225.41482083966665\">03:45དེ་གལ་ཆེན་པོ་ཞེ་བོར་གསུང་གི་འདུག་བ། གཟུར་གནས་བློ་ལྡན་དོན་གཉེར་བ་ཟེར། ཨེ་རྗེ་རིན་ཆེན་པོ་ཡིས་གང་དག་ཕྱོགས་འཛིན་མུན་པས་མ་བསྒྲིབས་ཤིང༌། །
<span class=\"timestamp\" data-timestamp=\"234.6265247196664\">03:54ལེགས་ཉེས་འབྱེད་པའི་བློ་ཡི་མཐུ་ལྡན་པ། །ཟེར་བྱས་ནས་གསུངས་པ་ནང་བཞིན་རེད། ཕྱོགས་འཛིན་གྱིས་མུན་པས་མ་བསྒྲིབས་པ་ཟེར་དུས་ཙ་ནས། ཁོ་བློ་ཕྱོགས་སུ་ལྷུང་།
<span class=\"timestamp\" data-timestamp=\"241.526740042\">04:01འདི་ཡིན་དགོས་ཀི་རེད། འདི་མིན་ན་ཨ། བསམ་པ་འདྲ་བོ་གཅིག་གི་བསམ་བློ་བཏང་ན། འགྲིག་གི་མི་འདུག་བ། བྱས་ཙང་། ང་ཚོ་འདི་ཚན་རིག་པ་མཉམ་དུ་ཚོགས་འདུ་ད།
<span class=\"timestamp\" data-timestamp=\"251.02918744499976\">04:11ཨིའི་འཚོགས་བསྡད་ཡག་མང་པོ་ཡོང་གིན་ཡོད་རེད། ཚོགས་དུས་ཙ་ནས། ནང་པའི་ལྟ་བ་འདི་རེད་ཟེར་ངས་རྩ་བ་ཉིད་ནས་བཤད་ཀིན་མེད། ནང་པས།
<span class=\"timestamp\" data-timestamp=\"259.0334004313335\">04:19ནང་པ་ཡང་དག་པ་ཡིན་པ་འདྲ་བོ་གཅིག་ཆེད་མངགས་སྒྲུབ་ཀིན་བསྡད་ན་ནོར་འཁྲུལ་རེད་འདུག་བ། ནང་པའི་བཤད་སྟངས་འདི་འདྲའི་རེད་ཟེར། ཚུར་སྐད་ཆ་དྲིས་པ་ཡིན་ན། ནང་པའི་བཤད་སྟངས་འདི་འདྲའི་གཅིག་ཡོད་རེད་བྱས།
<span class=\"timestamp\" data-timestamp=\"268.15537426866587\">04:28 ཨེ་སྐྱེ་བ་སྔ་ཕྱི་ཕར་འགྲོ་དུས་ཙ་ནས། དེ་ནང་པའི་ནང་པ་དང་སྐྱེ་བ་སྔ་ཕྱི་འདོད་མཁན་ཚོའི་བྱུས་ཏོག་རེད་མ་གཏོགས། ཁྱེད་རང་ཚོའི་ཇུས་ཏོག་མ་རེད་ཟེར་ལབ་བསྡད་ཀི་ཡོད་ཧེ་ཨིའི་བྱས་ཙང་།
<span class=\"timestamp\" data-timestamp=\"278.1728512526667\">04:38ཁོ་གནད་འགག་འདུག་ག བྱས་ཙང་། ཨང་ལྟ་དེ་རྒྱ་མིའི་ཡང་གཅིག་ཚན་རིག་པ་དེ་འདྲའི་ཁོ་དང་པོ་ནས། གུང་ཁྲན་རིང་ལུགས་ཟེར་དེ་ཡང་དག་པ་ཡིན་པ་གཅིག་སྒྲུབ་སྙིང་འདོད་བྱས། ཁོ་བཤད་བསྡད་དུས།
<span class=\"timestamp\" data-timestamp=\"288.3435505416659\">04:48ཚན་རིག་པ་རང་ཆགས་ཀི་ཡོད་མ་རེད། བློ་གཟུ་བོར་གནས་པ་དེ་ཆགས་ཡོད་མ་རེད། ཡང་དེ་མི་ལ་ཡང་བཤད་བཞག་པ་གཅིག་པོ་མིན་ད། ང་རང་ཚོའི་ངོས་ནས་ཆ་བཞག་ནས་ང་ཚོའི་འདི་ཡང་དག་པ་ཡིན་ཟེར་བྱས་ནས་སྔོན་ལ་ཐག་བཅད་ནས། 
<span class=\"timestamp\" data-timestamp=\"298.86172018866705\">04:58ཨེ་ནས་ཚན་རིག་ནས་གཅིག་རིག་པ་གཅིག་ཨེ་རན་མི་རན་གཅིག་བལྟས་པ་ཡིན་ནས་ནོར་འཁྲུལ་རེད། ཚན་རིག་ཙམ་དུ་མ་ཟད་པའི་སྤྱིར་བཏང་ད་རིག་པའི་སྒྲུབ་བྱེད་གཅིག་བཀོད་ནས།
<span class=\"timestamp\" data-timestamp=\"308.14530734000044\">05:08གཅིག་གཅིག་ད་མཐུན་ཕྱོགས་ལ་མཐོང་ཙམ་དང༌། མི་མཐུན་ཕྱོགས་ལ་མ་མཐོང་ཙམ་གྱིས་རྒྱུ་མཚན་འདྲ་བོ་གཅིག་བཀོད་བྱས་ནས་གཅིག་ཨེ་ཡོང་མི་ཡོང་ཞིག་བལྟས་པ་ཡིན་ན། ད་དེ།
<span class=\"timestamp\" data-timestamp=\"316.2196552869995\">05:16 ཁོ་བློ་གཟུ་བོར་གནས་པའི་ཐོག་ནས་དཔྱད་པ་བྱེད་སྟངས་དེ་ཆགས་ཀྱི་ཡོད་མ་རེད། དཔྱད་པ་བྱེད་སྟངས་དེ་ཆགས་ཀྱི་མི་འདུག་ཨ། ད་འཕྲོས་བཤད་འདྲ་བོ་གཅིག་རེད། འཕྲོས་བཤད།
<span class=\"timestamp\" data-timestamp=\"326.1235149939997\">05:26ཞོར་ལ་ཡ་ད་འཕྲོས་བཤད་བཟོ་འདྲ་བོ་གཅིག། ཨེ་ཚན་རིག་པ་དང་འབྲེལ་བ་བྱེད་ཡག་གི་རྒྱུ་མཚན་ག་རེ་ཟེར་ལབ་པ་ཡིན་ན།
<span class=\"timestamp\" data-timestamp=\"333.53495366300007\">05:33 
<span class=\"timestamp\" data-timestamp=\"335.39051410266677\">05:35ད་ང་ཨང་ལྟ་ཚན་རིག་པ་ལ་ཡ་འབྲེལ་བ་བྱས་ནས་ལོ་ཧ་ལམ་ད། ཨེ་བཅོ་ལྔ། ད་ཉི་ཤུ་མ་ཟིན་ཙམ་འགྲོ་བསྡད་ཀིན་ཡོད་རེད།
<span class=\"timestamp\" data-timestamp=\"343.42704730333367\">05:43
<span class=\"timestamp\" data-timestamp=\"344.39967560766684\">05:44 བྱས་ཙང་ཁ། ད་མགོ་སྟོད་ཐོག་མར་དེ་ཚན་རིག་པ་ལ་ཡ་འབྲེལ་བ་བྱེད་ཡག་གཅིག་ཨེ་བསམ་བློ་བཏང་པའི་ཁ་ཐུག་ལ་ཡ།
<span class=\"timestamp\" data-timestamp=\"350.76353595900036\">05:50 བསམ་བློ་འཁོར་བའི་ཁ་ཐུག་ལ་ཡ། ངའི་ངོ་ཤེས་པ་གཅིག་ཡོད། 
<span class=\"timestamp\" data-timestamp=\"354.6127161613338\">05:54 ཨིའི་ཨ་མེ་རི་ཁའི་མི་གཅིག།མོ་རང་ད་རང་ནང་པ་ཡིན་པར་རེད།
<span class=\"timestamp\" data-timestamp=\"362.5302931570001\">06:02ཁོ་རང་ནང་པ་ཡིན་པ་རེད། བྱས་ནས་ངས་ཚན་རིག་པ་དང་འབྲེལ་བྱེད་ཡག་དེ་ཉེན་ཁ་ལྗིད་པོ་རེད་ཟེར།
<span class=\"timestamp\" data-timestamp=\"370.3416404373325\">06:10ཚན་རིག་ཟེར་བསྡད་དེ་ཨེ་དབྱིན་ཇིའི་ཚིག་ཀིལ་ཨོ་ཧྤ་རེལ་ཇིན་ཆོས་གསོད་མཁན་དེ་རེད་ཟེར། ཚན་རིག་ཟེར་ཡག་དེ།
<span class=\"timestamp\" data-timestamp=\"380.79205756233273\">06:20 ཨ་སི་ཚན་རིག་པ་དང་འབྲེལ་བ་བྱེད་ཡག་དེ་ཉེན་ཁ་རེད་ཟེར་ཨ། ངས་བསམ་བློ་ཞིག་བཏང་པས། ཨེ་ནས། ཚན་རིག་གིས་ག་རེ་བྱེད་ཀི་ཡོད་རེད།
<span class=\"timestamp\" data-timestamp=\"389.84698541633384\">06:29
<span class=\"timestamp\" data-timestamp=\"390.68370934033385\">06:30 བདེན་པ་བཙལ་གིན་ཡོད་རེད་ད། འོ་ད་འཚོལ་སའི་ཡུན་རང་ད། ཁོ་རང་ཚད་ཅན་གཅིག་རེད། གཙོ་བོ་གཟུགས་ཅན།
<span class=\"timestamp\" data-timestamp=\"400.3043560356668\">06:40 དེའི་ནང་ནས་མངོན་གྱུར་བ། མཐོང་བ་མངོན་གྱུར་བ། དེའི་ནང་ནས་གཙོ་བོ་གཟུགས་ཅན་གྱི་ཆོས།
<span class=\"timestamp\" data-timestamp=\"406.1486770423338\">06:46གཅིག་ཚད་བརྒྱབ་ས་བསྡད་ཡོད་པ། ཨེ་གཅིག་ཕ་གིའི་རྩིས་རྒྱག་ཡག་ཡོད་བསྡད་པ། དེ་འདྲའི་གཅིག་ནང་ལོག་ལ་ཨང་ལྟ།
<span class=\"timestamp\" data-timestamp=\"415.1966491299998\">06:55སེན་སིར་ད་འགྲོ་བསྡད་ཡོད་རེད། དེཧྤེལ་ཁོ་རང་ལི་མིར་ཌཌི་རེད། སེ་དེ་འདྲས་ཡིན་དུས།
<span class=\"timestamp\" data-timestamp=\"421.4267247059993\">07:01 
<span class=\"timestamp\" data-timestamp=\"424.2735083626659\">07:04 སེ་འོ་ད་ནང་པའི་གཞུང་ནས་དཔེར་ན་བཤད་པ་ཡིན་ན། ཨེ་ནང་པའི་གཞུང་ནང་ལོག་ལ་ཡ། འོ་ད་མ་གཞི་གཞུག་གུ་གཞུག་གུར་ཐོན་ཡོང་གི་རེད། གཞུག་གུར་ལབ་ཀི་ཡིན།
<span class=\"timestamp\" data-timestamp=\"432.77877863633483\">07:12ཨིའི་རེད་དེ་ཡིན་ནས་གང་ལྟར་ཁོ་རང་གཅིག་ཨེ་ག་རེ་ཟེར་བ་རེད། བཙལ་བྱའི་གཞི་འདྲ་བོ་ཁོ་ཚད་ངེས་ཅན་གཅིག་རེད་དེ།
<span class=\"timestamp\" data-timestamp=\"442.15627733533347\">07:22 ཡིན་ནས་གཞི་དེའི་ནང་ལོག་ལ་བདེན་པ་འཚོལ་གྱི་ཡོད་རེད་ད། སེ་དེ་འདྲས་ཡིན་དུས་ཙ་ནས། སངས་རྒྱས་པའི་ཆོས་ཀྱིས་བདེན་པ་འཚོལ་ཡག་ཅིག་བཤད་ཀྱི་ཡོད་རེད།
<span class=\"timestamp\" data-timestamp=\"449.4771757186672\">07:29
<span class=\"timestamp\" data-timestamp=\"450.4250498073333\">07:30 དཔེ་འདྲ་བོ་ཆ་བཞག་ན་རེད་ད། དཔེ་འདྲ་བོ་ཆ་བཞག་ན། ཨེ་བདེན་པ་འཚོལ་ཡག་གཅིག་བཤད་ཀྱི་ཡོད་པ་ཡིན་དུས་ཙ་ནས་བདེན་པ་འཚོལ་སྟངས་དེ་ལ་ཡ་རིགས་པའི་སྒོ་འདྲ་བོ་དེ་བཞི་གསུང་གི་འདུག་ཨ།
<span class=\"timestamp\" data-timestamp=\"460.6274315366669\">07:40ཆོས་ཉིད་ཀྱི་རིགས་པ་ཟེར་གཅིག་བཤད། རེད་བ། དེ་ནས་བྱ་བ་བྱེད་པའི་རིགས་པ་ཟེར། དེ་ནས་ལྟོས་པའི་རིགས་པ་བྱས་ནས།
<span class=\"timestamp\" data-timestamp=\"470.5099021886664\">07:50ད་དེ་གས་དེ་ག་རེ་རེད་ཟེར་ལབ་ན། སྔོན་ལ་གཞི་ལ་གཅིག་གང་ལྟར་རང་བཞིན་ལྷན་སྐྱེས་ཀྱི། དཔེར་ན་གཅིག་ང་རང་ཚོ་ལ་ཡ།
<span class=\"timestamp\" data-timestamp=\"479.7098421166668\">07:59ཨེ་ང་ཟེར་ཡག་གཅིག་ཡོད་བསྡད་མཁན། དེ་ངའོ་སྙམ་པའི་བློ་གཅིག་ཡོད་བསྡད་པ། ཨེ་དེ་ལ་ཡ་བདེ་སྡུག་གི་ཚོར་བ་གཅིག་ཡོད་བསྡད་པ།
<span class=\"timestamp\" data-timestamp=\"489.18184101266735\">08:09 དེ་དང་འབྲེལ་ནས་བདེ་སྡུག་གི་ཚོར་བ་གཅིག་ཡོད་བསྡད་པ། དེ་ཆོས་ཉིད་རེད། དེ་ལས་ཀྱིས་བྱུང་བ་ཡང་མ་རེད། ཨེ་ག་གས་མ་རེད། ཁོ་རང་ད་ཆོས་ཉིད་རེད།
<span class=\"timestamp\" data-timestamp=\"497.54774266966683\">08:17ད་ག་ནང་བཞིན་གི་ཕྱི་ལ་གཟུགས་ཅན་ཟེར་ཡག་གཅིག་ཡོད་བསྡད་པ། ཨེ་ཕྱི་དང་ནང་གི་ཆོས་གང་དང་གང་ཡིན་ནས། འབྲས་བུ་རྒྱུ་ལ་རག་ལས་པ།
<span class=\"timestamp\" data-timestamp=\"505.49374017499997\">08:25 ཆོས་ཉིད་རེད། ཨེ་ནས་ད་ག་ནང་བཞིན་ཁོ་རང་། ཨེ་ཆོས་རང་རང་གི་ཁོ་རང་བྱེད་ལས་འདྲ་བོ། དཔེར་ན་མེ་ཚ་བ།
<span class=\"timestamp\" data-timestamp=\"513.418724723\">08:33ཨིའི་ཆུ་རླན་པ་ཟེར་ཡག་དེ་ཚོའི་གྲས་དེ། ཁོ་རང་ཆོས་ཉིད་ལ་བརྩི་ཡི་ཡོད།
<span class=\"timestamp\" data-timestamp=\"518.9577585396667\">08:38 ཆོས་ཉིད་ཀྱི་རིགས་པ་ཟེར་གཅིག་བྱས། ད་དེ་ཁོ་རང་བཞིན་ལྷན་སྐྱེས་ཀྱི་ཁོ་རང་དངོས་པོ་དངོས་པོ་སོ་སོའི་གནས་སྟངས་གང་ཡིན་པ་དེ།
<span class=\"timestamp\" data-timestamp=\"525.0764494713334\">08:45 གཅིག་ཤེས་དགོས་ཀི་ཡོད་རེད། ད་དེ་ནས་ཨེ་ནས་ཨེ་ག་རེ་ཟེར་དགོས་རེད་ཕ་གིའི།
<span class=\"timestamp\" data-timestamp=\"533.4846117926667\">08:53 ཨེ་བྱ་བ་བྱེད་པའི་རིགས་པ་ཟེར་ལབ་ན། དངོས་པོ་སོ་སོ་སོའི་བྱེད་ལས་ག་རེ་ག་རེ་ཡོད་མེད།
<span class=\"timestamp\" data-timestamp=\"540.4164547356668\">09:00ཕལ་ཆེར་ང་ཚོ་དཔེར་ན་ཀེ་མེར་སི་ཌེ་རོ་དེ་ཚོའི་འདིའི་ནང་སླེབས་ཀི་མེད་འགྲོ་བསམ་གྱིན། ཁོ་རྫས་རྫས་སོ་སོ་སོའི་ནུས་པ་ག་རེ་ཡོད་པ།
<span class=\"timestamp\" data-timestamp=\"549.306831041\">09:09 རྫས་ཕན་ཚུན་བསྡེབས་ཡོང་དུས་ཙ་ནས་ཙ་ནས། ནུས་པའི་ངོ་བོ་ག་འདྲས་སེ་འགྱུར་གྱི་ཡོད་པ།
<span class=\"timestamp\" data-timestamp=\"553.2917773476667\">09:13 སེ་རྫས་ཕན་ཚུན་བསྡེབས་ཡོང་དུས་ཡང་རྫས་གསར་པ་ཞིག་ཐོན་ཡོང་གི་འདུག་བ། རེད་བ།
<span class=\"timestamp\" data-timestamp=\"558.4905926196667\">09:18དེ་འདྲའི་གཅིག་གིས་ཁོ་རང་ད་དངོས་པོའི་རང་བཞིན་ཁོ་རང་ཨེ་ནས་ཕན་ཚུན་ལྟོས་ནས།
<span class=\"timestamp\" data-timestamp=\"568.5075990839998\">09:28 ཕན་ཚུན་འབྲེལ་ནས་ཁོ་ཡོད་བསྡད་པ་ཡིན་དུས་ཙ་ནས། ཕན་ཚུན་ལྟོས་པའི་སྒོ་ནས་ཨེ་ནས་ངོ་བོ་ལ་འགྱུར་བ་འགྲོ་བསྡད་གཅིག་ཡོང་བསྡད་ཡག་འདུག་ཨ།
<span class=\"timestamp\" data-timestamp=\"577.6235560106666\">09:37 
<span class=\"timestamp\" data-timestamp=\"578.9041100463334\">09:38དཔེར་ན་ཆུ་དང་། ག་རེ་ཟེར་དགོས་རེད། དཔེར་ན། དཔེར་ན། དཔེར་ན། མེ་དང་ཆུ་འཐབ་ནས་ཡང་ཁོ་རང་ག་རེ་ཟེར་དགོས་རེད་ཕ་གིའི།
<span class=\"timestamp\" data-timestamp=\"585.4920889346666\">09:45ཨིའི་རྣམ་པ་འདྲ་བོ་གསར་པ་གཅིག་ཡོང་བསྡད་ཡག་འདྲ་བོ་དཔེར་ན་རྫས་མི་འདྲ་བ་གཉིས་བསྡུས་ནས།
<span class=\"timestamp\" data-timestamp=\"589.0662728746667\">09:49 ཡང་གཅིག་རྣམ་པ་མི་འདྲ་གསར་པ་ཡོང་བསྡད་ཡག་ཡོང་གི་རེད་བ། ད་དེ་ལྟར་ཨེ་ཕན་ཚུན་བསྡུས་ནས་ཡིན་ནས་འདྲ། ཁེར་རྐྱང་ཡིན་ནས་འདྲ།
<span class=\"timestamp\" data-timestamp=\"597.1168175836666\">09:57 ཨེ་དངོས་པོ་གཅིག་གིས་རང་རང་གི་འབྲས་བུ་གསར་པ་སྐྱེས་ཡག་གཅིག་ཡོང་བསྡད་ཀི་འདུག་ཨ། དེ་ལྟོས་པའི་རིགས་པ་ཟེར་ལབ་ཡིན་པ་རེད། འབྲས་བུ་དེ་རྒྱུ་ལ་ལྟོས་པ་རེད་ཟེར།
<span class=\"timestamp\" data-timestamp=\"604.8410938680001\">10:04འབྲས་བུ་དེ་རྒྱུ་ལ་ལྟོས་པ་། འདི་གས་འདི་ཁོ་རང་ལོག་ཁ་རེད་ནེ་ཇར་ལོག་ཁ་བཟོ་འདྲ་བོ་འདུག་བ། ནེ་ཇར་ལོག་ཁ་འདི་ཁས་བླངས་ནས།
<span class=\"timestamp\" data-timestamp=\"614.1297884373331\">10:14 ནེ་ཇར་དེའི་ཐོག་ནས་རང་བཞིན་ལྷན་སྐྱེས་ཀྱི་ཁྲིམས་བཟོ་འདྲ་བོ་ད་འགྲོ་སྟངས་འདྲ་བོ་གཅིག།ད་དེ་གཞི་ལ་བཞག་པའི་ཐོག་ལ་ཨེ་ནས་འཐད་སྒྲུབ་ཟེར་ཡག་དེ། 
<span class=\"timestamp\" data-timestamp=\"621.4044946636667\">10:21ད་འཐད་སྒྲུབ་ཟེར་ཡག་དེ་ཨོ། དེ་ཡིན་ཙང་། དེ་ཡིན་དགོས་རེད། དེ་ཡིན་ཙང་དེ་ཡིན་དགོས་རེད། ད་ང་ཚོ་སྡུག་བསྔལ་མི་འདོད་པ་དང༌། བདེ་བ་འདོད་པ་རང་བཞིན་ལྷན་སྐྱེས་རེད་བ་ད།
<span class=\"timestamp\" data-timestamp=\"629.4020390683335\">10:29བྱས་ཙང་དེ་འདྲས་ཡིན་ཙ་ནས། ཨོ། ད་ང་ཚོ་བདེ་བ་ཡོང་ཡག་གི་རྐྱེན། རྒྱུ་རྐྱེན་འདི་འདྲའི་གཅིག་དགོས་ཀི་འདུག། དེའི་རྐྱེན་དེ་ལ་རག་ལས་ཡོད་རེད། དེའི་རྐྱེན་དེའི་དབང་གིས་ཡོང་གིན་ཡོད་རེད།
<span class=\"timestamp\" data-timestamp=\"639.5452045406668\">10:39 དེ་འདྲས་ཡིན་པ་ཡིན་དུས་ཙ་ནས་ང་ཚོས་རྒྱུ་རྐྱེན་འདི་སྒྲུབ་དགོས་ཀི་འདུག་བྱས་ནས། ཨེ་ནས་སླེབས་ཀི་འདུག་བ། ད་འཐད་པར་སྒྲུབ་པའི་རིགས་པ། དེ་ཡིན་ཙང་དེ་ཡིན་དགོས་ཀྱི་རེད། དེ་ཡིན་ཙང་དེ་ཡིན་དགོས་རེད། དེ་ང་ཚོ་ལ་དགོས་ཀྱི་འདུག དེ་ང་ཚོ་ལ་དགོས་ཀྱི་མི་འདུག
<span class=\"timestamp\" data-timestamp=\"649.2227301093334\">10:49 དེ་འདྲས་ཡིན་པ་ཡིན་དུས། ཨེ་མ་དགོས་ཡག་དེ་མེད་བ་ཡོང་ཡག་དོན་དག་ལ་ཁོ་ཕན་ཚུན་ལྟོས་པའི་ཨེ་ཕྱོགས་དེ་གས་དེ་ལ་བསམ་བློ་གཏང་ཡག་གཅིག།
<span class=\"timestamp\" data-timestamp=\"656.4770777743333\">10:56ཨེ་ད་ག་ནང་་བཞིན་གྱི་ཕ་གིའི་ཨེ་ག་རེ་ཟེར་བ་དགོས། ད་བྱ་བ་བྱེད་པ་ཟེར་ན་ཁོ་རང་གཅིག་གིས་གཅིག་གིས་ད་ནུས་པ་མི་འདྲ་བ་ཡོད་པ་དེ་གས་དེ་ཤེས་ཡག་གཅིག་དང་།
<span class=\"timestamp\" data-timestamp=\"666.4541537526667\">11:06 ཨེ་ནས་དེའི་རྒྱུ་འབྲས་ཀྱི་འགྲོ་སྟངས་དེ་ཤེས་པའི་ཐོག་ནས། ཨེ་ནས་ང་ཚོ་ལ་ཡ་ཕན་པའི་དངོས་པོ་དང་དུ་བླངས། མི་འདོད་པའི་དངོས་པོ་དེ་ཨེ་ནས་ཉུང་དུ་བཏང་།
<span class=\"timestamp\" data-timestamp=\"676.4302172046666\">11:16ཕར་འཕྲི། འཕྲི་ཡག་ཤེས་ཀྱི་རེད་བ། ཉུང་དུ་གཏང་ཡག་ད་དེ་འདྲའི་བྱེད་ཡག་རེད་འདུག་བ།སེ་ད་ཆོས་ཟེར་ཡས་འདི་སྒང་ནས། 
<span class=\"timestamp\" data-timestamp=\"683.6417052353333\">11:23 སངས་རྒྱས་པའི་ཆོས་དེ་རེད་ད་སངས་རྒྱས་པའི་ཆོས་ད་དེའི་སྒང་ནས་བཤད་བསྡད་ཀི་རེད་བ། བཅོམ་ལྡན་འདས་ཁོ་རང་ཡང་རིགས་པ་བཞིའི་འགྲོ་སྟངས་འདིའི་ཐོག་ནས་བཅོམ་འདས་ཁོ་རང་གིས་ཨེ་ནས།
<span class=\"timestamp\" data-timestamp=\"693.5039736553332\">11:33 ཨིའི་ཁོ་རང་གི་བསམ་བློའི་ནང་ལ་ཡ་ད་འགྱུར་བ་གཏོང་ཡག་གཅིག། གསལ་རིག་གི་ཤེས་པ་གཅིག་ཡོད་པ་བྱས། 
<span class=\"timestamp\" data-timestamp=\"701.5727885356666\">11:41གསལ་རིག་གི་ཤེས་པ་ལ་འགལ་ཟླ་མང་པོ་ཡོད་པ་བྱས། མི་མཐུན་པ་མང་པོ་ཡོད་པ་བྱས། མི་མཐུན་པ་དེའི་ནང་ལོག་ལ་འགལ་ཟླ་མང་པོ་ཡོད་པ་བྱས། སེ་ཕྱི་དངོས་པོ་ལ་ཡ་འགལ་ཟླ་ཡོད་ཙང་འགྱུར་བ་འགྲོ་གི་རེད་བ། 
<span class=\"timestamp\" data-timestamp=\"711.5175867976666\">11:51 འགལ་ཟླ་མེད་ན་འགྱུར་བ་འགྲོ་གི་མ་རེད་བ།
<span class=\"timestamp\" data-timestamp=\"713.4760676363334\">11:53 
<span class=\"timestamp\" data-timestamp=\"714.5347798\">11:54 སེ་དེ་འདྲས་ཡིན་པས། དེ་ནང་བཞིན་ཤེས་པ་ལ་ཆ་བཞག་ནས། འགལ་ཟླ་ཡོད་ཙང་ཤེས་པ་འགྱུར་བ་འགྲོ་གི་ཡོད་པ་མ་གཏོགས་འགལ་ཟླ་མེད་ན་ཤེས་པ་འགྱུར་བ་འགྲོ་ཡག་མི་འདུག་ཨ།
<span class=\"timestamp\" data-timestamp=\"723.7801236913332\">12:03 ཨེ་ཤེས་པའི་ནང་འགལ་ཟླ་ག་འདྲས་རེད་ཟེར་ལབ་ན་ཤེས་པའི་ཕྱི་ལོག་གི་གཟུགས་ཅན་ཆོས་ཀྱི་འགལ་ཟླ་དེ་ཁོ་རང་།
<span class=\"timestamp\" data-timestamp=\"731.1175149046667\">12:11 ནུས་པ་དེ་འདྲའི་མང་པོ་ཞིག་ཐོག་ནས་བཤད་ཐུབ་ཀྱི་རེད། དེ་འདྲའི་ཐོག་ནས་ཡོང་གི་རེད། དཔེར་ན། ཚ་གྲང་འགལ་ཟླ་རེད། ཚ་གྲང་འགལ་ཟླ་དེ་ཁོ་རྒྱུན་གྱི་འགལ་བ་རེད། རྒྱུན་གཅིག་ཏུ་གནས་མི་ཐུབ་པ་གཅིག་འགལ་བ་ཡིན་པ་རེད། 
<span class=\"timestamp\" data-timestamp=\"740.4166461756665\">12:20 སྣང་བ་དང་མུན་པ་འགལ་བ་རེད། ཁོ་རང་དུས་གཅིག་ཏུ་གནས་མི་ཐུབ་ཡག་གཅིག་གིས་འགལ་བ་སླེབས་ཡོང་གི་འདུག་བ། ད།
<span class=\"timestamp\" data-timestamp=\"747.8304800836668\">12:27ནང་ཤེས་པ་ལ་ཡ་ཁོ་གཟུགས་ཅན་གྱི་ཆོས་ནང་བཞིན་བྱས་ནས་འགལ་བ་བརྩི་ས་ཡོད་མ་རེད་དེ། ཡིན་ནས་ཁོ་རང་འཛིན་སྟངས་འགལ་བ་ཆགས་ཀི་འདུག་བ།
<span class=\"timestamp\" data-timestamp=\"755.5680641176667\">12:35 གཅིག་གིས་དཔེར་ན་ཡག་པོ་རེད་ཟེར་འཛིན་བསྡད་ཡག་བློ་དེ་དང༌དེ་སྡུག་པོ་རེད་ཟེར་ཡག་འཛིན་བསྡད་པའི་བློ་གཉིས་པོ་དེ་འཛིན་སྟངས་འགལ་བ་རེད་བ། 
<span class=\"timestamp\" data-timestamp=\"762.9531209286666\">12:42 ཡུན་དམིགས་པ་གཅིག་ལ་དམིགས་ནས་དུས་གཅིག་ལ་འདི་ཡག་པོ་རེད། འདི་སྡུག་ཅག་རེད་ཟེར་བསྡད་ཡག་གཉིས་པོ་དེ་འགལ་བ་རེད་འདུག་བ།
<span class=\"timestamp\" data-timestamp=\"768.3571384986667\">12:48
<span class=\"timestamp\" data-timestamp=\"770.474528743\">12:50 ད་ཚུར་བསམ་བློ་གཏོང་ཡོང་དུས་ཙམ་ནས། ཉམ་ཐག་པའི་སེམས་ཅན་ལ་དམིགས་ནས་དེ་དང་སྙིང་རྗེ་བསམ་པའི་བརྩེ་བ་དེ་དང༌།
<span class=\"timestamp\" data-timestamp=\"778.5434053683332\">12:58སེམས་ཅན་དེ་ལ་དམིགས་ནས་དེ་སྡུག་བ་གཅིག་བྱུང་ན་བསམ་པའི་སྡང་བའི་སེམས་གཉིས་པོ་དེ་འཛིན་སྟངས་འགལ་བ་རེད་འདུག་ག། བྱས་ཙང་དངོས་པོ་ལ་ཡ།
<span class=\"timestamp\" data-timestamp=\"786.9806469609996\">13:06གཞི་གཞི་གཞི་གཞི་ག་རེ་ཟེར་བ་རེད། གཞི་དངོས་པོའི་གནས་ཚུལ་ཁོ་རང་ལ་ཡ་ནང་ཤེས་པ་ལ་འགལ་ཟླ་མང་པོ་འདུག་བ། འགལ་ཟླ་ཡོད་པ་ཡིན་དུས་ཙ་ནས། 
<span class=\"timestamp\" data-timestamp=\"796.2220445940001\">13:16 དཔེར་ན་ཕྱིའི་འགལ་ཟླ། དཔེར་ན། ཚ་བའི་རེག་པ་ཤུགས་ཆེ་རུ་ཆེ་རུ་ཕྱིན་པ་ཡིན་ན་གྲང་བའི་རེག་པ་ཉུང་དུ་ཉུང་དུ་འགྲོ་བསྡད་ཡག སྣང་བ་ཤུགས་ཆེ་རུ་ཆེ་རུ་ཕྱིན་པ་ཡིན་ན་མུན་པ་ཤུགས་ཆུང་དུ་ཆུང་དུ་འགྲོ་བསྡད་ཡག
<span class=\"timestamp\" data-timestamp=\"805.1710024093329\">13:25སྣང་བ་ཇེ་ཉུང་དུ་ཕྱིན་པའི་ཚོད་ཀྱིས་མུན་པ་ཤུགས་ཆེ་རུ་ཆེ་རུ་འགྲོ་བསྡད་ཡག་དེ་ནང་བཞིན་བྱས་ནས་ནང་ཤེས་པ་ལ་འགལ་བ་ཡིན་བསྡད་མཁན་བློ་གཉིས། ཨེ་དམིགས་པ་སེམས་ཅན་ལ་དམིགས་ནས།
<span class=\"timestamp\" data-timestamp=\"814.9136026666666\">13:34 སྡང་བའི་སེམས་དེ་ཤུགས་ཆེ་རུ་ཆེ་རུ་ཕྱིན་པ་ཡིན་ན། དེ་ལ་དམིགས་པའི་བྱམས་པའི་སེམས་དེ་ཤུགས་ཡོང་ཐུབ་ཡག་་མེད་བསྡད་མཁན།
<span class=\"timestamp\" data-timestamp=\"822.5592216683336\">13:42སེམས་ཅན་དེ་ལ་དམིགས་ནས་བྱམས་པའི་བློ་ཤུགས་ཆེ་རུ་ཕྱིན་པ་ཡིན་ན། དེ་ལ་དམིགས་ནས་ཁོང་ཁྲོའི་བློ་ཡོང་མི་ཐུབ་པ་ཡག་ཁོ་ཆགས་འདུག་བ། བྱས་ཙང་ཁ་ད་དངོས་ཡོད་གནས་ཚུལ་གྱིས།
<span class=\"timestamp\" data-timestamp=\"831.7815779140002\">13:51ཁོ་གང་ལྟར་འགལ་བ་ཡོད་བསྡད་མཁན་གི་འགྱུར་བ་ད་ཆོས་ཉིད་ཀྱི་རིགས་པ། ལྟོས་པའི་རིགས་པ།
<span class=\"timestamp\" data-timestamp=\"838.6052190769998\">13:58 བྱ་བ་བྱས་པའི་རིགས་པ་དེ་དག་གི་འོག་ནས་འཐད་སྒྲུབ་ཀི་རིགས་པ། ད་བདེ་བ་འདོད་པ་དང༌། སྡུག་བསྔལ་མི་འདོད་པ་དེ་གཞི་ལ་བཞག
<span class=\"timestamp\" data-timestamp=\"844.8997257523333\">14:04 ད་བདེ་བ་འདོད་པ་དང༌། སྡུག་བསྔལ་མི་འདོད་པ་རང་གིས་ངང་ལ་ཡོད་རེད། འགྲེལ་བཤད་ག་གས་བརྒྱབ་དགོས་ཡག་ཡོད་མ་རེད། དེ་གཞི་ལ་བཞག་པའི་ཐོག་ལ་ད་བདེ་སྡུག་ལ་
<span class=\"timestamp\" data-timestamp=\"852.3082663206669\">14:12 འབྲེལ་བ་ཡོད་བསྡད་མཁན་ཕྱི་ལོག་གི་དངོས་པོ་ཡིན་ནས་འདྲ། ནང་གི་ཤེས་པ་ཡིན་ནས་འདྲ། གཉིས་ཀ་ལོག་ནང་ལ་བདེ་སྐྱིད་ཡོང་ཡག་གི་
<span class=\"timestamp\" data-timestamp=\"860.6810028620001\">14:20 མཐུན་རྐྱེན་དེ་བསྒྲུབ་ཡག་གཅིག་དང་། བདེ་སྐྱིད་ལ་གནོད་མཁན་གྱི་སྡུག་བསྔལ་སྟེར་མཁན་གྱི་འགལ་རྐྱེན་དེ་གས་དེ་ཉུང་དུ་གཏང་ཡག་ད་དེ་འོས་པ་རེད་བ།
<span class=\"timestamp\" data-timestamp=\"868.8454737866667\">14:28 ཐོབ་ཐང་ཡོད་པ་རེད་བ་ང་ཚོར་ལ་ཡ། སོ་སེ་དེ་འདྲས་ཡིིན་དུས་བཅོམ་ལྡན་འདས་ཁོ་རང་ཨེ་རིགས་པ་བཞིའི་སྒོ་ནས་འདུག་སེ་ད་དགོངས་པ་བཞེས་ནས།
<span class=\"timestamp\" data-timestamp=\"875.7835982953334\">14:35 ཨེ་ནས་བསམ་མནོ་བསམ་བློར་འགྱུར་བ་ག་ལས་ག་ལས་ཐེབས་བྱས་འདུག་སེ་བྱས་ནས། སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཟེར་ཡག་ད་དེ་ཡང་གཤམ་ལ་མར་ཐོན་ཡོང་གི་རེད། ད་དྲི་མ་ཟད་ཐུབ་ཡག་ཡོད་དང་མེད་ཟེར་བསྡད་དེ་དཔེར་རྙོག་དྲ་ཚ་པོ་རེད་བ།
<span class=\"timestamp\" data-timestamp=\"885.3435042563333\">14:45 ཆགས་སྡང་ཆུང་དུ་འགྲོ་ཡག་ང་རང་ཚོའི་མྱོང་བས་ཤེས་ཐུབ་འདུག། ང་ཚོའི་ཐ་མལ་པའི་མྱོང་བ་དེ་འདྲའི་གཅིག་འོག་ནས་ཤེས་ཐུབ་ཡག་རེད། ཡིན་ནས་ཆགས་སྡང་གཏན་དུ་ཟད་ཐུབ་དང་མི་ཐུབ་ཟེར་མཁན་དེ་ད་བསམ་བློ་ཞེ་བོ་གཅིག་བཏང་ན་མ་གཏོགས།
<span class=\"timestamp\" data-timestamp=\"895.5723669546669\">14:55 ལམ་སང་ཤེས་ཐུབ་ཡག་ཁག་པོ་འདུག་བ། སེ་ད་གང་ལྟར་ཡང་སྙིང་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ག་ལས་ག་ལས་་ལ་ཡ་ཨེ་ནས་ཁོ་སྐྱོན་དེ་གས་དེ་ཉུང་དུ་ཉུང་དུ་ཕྱིིན།
<span class=\"timestamp\" data-timestamp=\"904.0965655586667\">15:04ཨེ་ནས་ཡོན་ཏན་དེ་གས་ཆེ་རུ་ཆེ་རུ་ཕྱིན་གྱིས་འདུག་སེ་བྱས་ནས།ཨེ་ནས་གང་ལྟར་སྤངས་རྟོགས་མཐར་ཕྱིན་པ་གཅིག་ཆགས་ཡག་རེད་མ་གཏོགས། ག་གས་མ་བྱས་པར་དང་པོ་ནས་བྱུང་བསྡད་པ་གཅིག་གཅིག་ཡོད་མ་རེད་བ། 
<span class=\"timestamp\" data-timestamp=\"912.9699984253336\">15:12 ད་དེ་སངས་རྒྱས་པའི་འགྲོ་སྟངས་རེད་གདའ། སངས་རྒྱས་པའི་ཞུ་སྟངས་དེ། ད་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་དཀོན་མཆོག་ཟེར་ལབ་ཡིན་ན་གནས་ཚུལ་ཁ་ཁ་རེད།
<span class=\"timestamp\" data-timestamp=\"918.9190176173333\">15:18 ཡེ་གདོད་མ་ནས་ཨེ་ནས་ཨེ་སངས་རྒྱས་ཟེར་ཡག་གཅིག་ཡོད་བསྡད་པ། དཀོན་མཆོག་ཟེར་ཡག་གཅིག་ཡོད་བསྡད་པ་བཤད་བྱས།
<span class=\"timestamp\" data-timestamp=\"925.0180039880001\">15:25 དེས་ཨེ་ནས་འཇིག་རྟེན་བཀོད་པ་རེད་ཟེར་གྱིས་བཤད་ཀི་ཡོད་རེད་བ། སངས་རྒྱས་པས་ད་དེ་མ་རེད་བ། སོ་སེ་དེ་འདྲས་ཡིན་དུས་ཨང་ལྟ་ངས་བཤད་དགོོས་ཡག་དེ། དེ་འདྲས་ཡིན་དུས།
<span class=\"timestamp\" data-timestamp=\"932.4839650789999\">15:32 ཨོ་དེ་འདྲས་ཡིན་དུས་སངས་རྒྱས་པའི་ཆོས་ཀྱིས་བརྟག་དཔྱད་བཏང་ནས། ཨེ་ནས་ཡིན་ལུགས་ཇི་ལྟ་ཇི་སྙེད་ཀྱི་དོན་གང་ཡིན་ནས་ཡིན་ལུགས་གཏན་ལ་ཕབ་ཡག་གཅིག་ཆགས་བསྡད་འདུག་ཟེར།
<span class=\"timestamp\" data-timestamp=\"943.3380273150001\">15:43ཨེ་ཚན་རིག་པས་ཡིན་ལུགས་གཏན་ལ་ཕབ་ཀྱི་ཡོད་རེད། སེ་དེ་ཡིན་དུས་འགལ་བ་གལ་མི་འདུག་བ། བྱས་ཙང་། འོ།
<span class=\"timestamp\" data-timestamp=\"952.7888826873331\">15:52ཨེ་དེ་ཡིན་དུས་ད་ཡིན་གཅིག་མིན་གཅིག་ཚན་རིག་པ་ལ་འབྲེལ་བ་བྱས་ན། ཨེ་ནས་འགལ་བ་ག་གས་མི་འདུག་བསམས་ནས་འདུག་སེ་ད་འབྲེལ་བ་བྱས་པ་རེད།
<span class=\"timestamp\" data-timestamp=\"959.1472531683332\">15:59
<span class=\"timestamp\" data-timestamp=\"961.2836699020003\">16:01ཡང་མཚམས་མཚམས་ཁ་ཤས་ཚན་རིག་པ་དེ་འདྲས། ཚན་རིག་པ་ཟེར་ནས་མི་འདུག།ཁ་ཤས་ཀྱིས་སྐད་ཆ་དྲིས་ཀིན། ཨེ་ནས་ངས་ག་རེ་ཟེར་ད་ནང་པས་ཚན་རིག་ལ་ཡ་དོ་སྣང་བྱེད་ཡག་དེ་ག་རེ་རེད་ཟེར། 
<span class=\"timestamp\" data-timestamp=\"971.2902351663336\">16:11 ཁ་ཤས་ཡ་མཚར་མཚར་བྱེད་ཀྱིན་འདུག་བ། ཨེ་ནས། ཨེ་ནང་པས་ཨེ་ནས་རི་ཡལ་ཌ
<span class=\"timestamp\" data-timestamp=\"979.6460047160001\">16:19བདེན་པ་དེ། དངོས་ཡོད་གནས་ཚུལ་ག་རེ་ཡོད་པ་དེ་ང་ཚོས་བཙལ་གྱི་ཡོད་རེད་ཟེར། ཚན་རིག་པས་དངོས་ཡོད་གནས་ཚུལ་བཙལ་གྱི་ཡོད་རེད་ཟེར། ད་བདེན་པ་འཚོལ་བ།
<span class=\"timestamp\" data-timestamp=\"988.3722760819999\">16:28 རི་ཡལ་ཌ་དེ་ང་ཚོས་འཚོལ་གྱི་ཡོད་པ་རེད་ཟེར། བྱས་ཙང་ག་རི་ཡལ་ཌ་འཚོལ་མཁན་གཅིག་པ་རེད་ཟེར། ཚན་རིག་དང་ནང་པ་གཉིས་ཆ་ལོག་རི་ཡལ་ཌ་འཚོལ་མཁན་གཅིག་པ་རེད་ཟེར།
<span class=\"timestamp\" data-timestamp=\"998.4498310850001\">16:38 དེ་འདྲས་ཡིན་དུས་དེ་འགལ་བ་མི་འདུག་ཟེར་བྱས་ནས་འབྲེལ་བ་བྱེད་དགོས་ཀི་ཟེར། དེ་འདྲས་ཡིན་དུས་ང་ཚོས་དེ་དོ་སྣང་ཡོང་གི་ཡོད་ཟེར་བྱས་ནས།
<span class=\"timestamp\" data-timestamp=\"1004.0655577459997\">16:44 འོ་དེ་འདྲ་བཤད་ཀྱི་ཡོད། བྱས་ཙང་། འགྲོ་སྟངས་དེ་འདྲའི་རེད། འགལ་བ་གལ་མི་འདུག་བ།
<span class=\"timestamp\" data-timestamp=\"1010.3379591836734\">16:50 
","media":"","media-source":"","media-time":""}